<legend id="h4sia"></legend><samp id="h4sia"></samp>
<sup id="h4sia"></sup>
<mark id="h4sia"><del id="h4sia"></del></mark>

<p id="h4sia"><td id="h4sia"></td></p><track id="h4sia"></track>

<delect id="h4sia"></delect>
  • <input id="h4sia"><address id="h4sia"></address>

    <menuitem id="h4sia"></menuitem>

    1. <blockquote id="h4sia"><rt id="h4sia"></rt></blockquote>
      <wbr id="h4sia">
    2. <meter id="h4sia"></meter>

      <th id="h4sia"><center id="h4sia"><delect id="h4sia"></delect></center></th>
    3. <dl id="h4sia"></dl>
    4. <rp id="h4sia"><option id="h4sia"></option></rp>

        ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > པར་རིས་གསར་འགྱུར།

        beat365app登录入口_365bet不能提现_365bet在线网投

        སྤེལ་དུས 2023-03-10 ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་བོད་སྐད་རླུང་འཕྲིན། རྩོམ་པ་པོ།
          མི་རིགས་ས་ཁུལ་གྱི་ཤང་གྲོང་འཕྲོད་བསྟེན་ཁང་གི་སྨན་བཅོས་ཞབས་ཞུའི་ནུས་པ་འཛུགས་སྐྱོང་ཤུགས་ཆེར་གཏོང་དགོས་པའི་སྐོར་གྱི་གྲོས་འགོ
          ཤང་དང་གྲོང་རྡལ་གྱི་འཕྲོད་བསྟེན་ཁང་ནི་རང་རྒྱལ་གྱི་གཞི་རིམ་སྨན་བཅོས་འཕྲོད་བསྟེན་ཞབས་ཞུའི་མ་ལག་གི་འགག་རྩ་གལ་ཆེན་ཞིག་ཡིན། ད་ལོ་སྲིད་གཞུང་གི་ལས་དོན་སྙན་ཞུའི་ནང་“སྤུས་ལེགས་སྨན་བཅོས་ཐོན་ཁུངས་ཀྱི་ཁྱབ་ཚད་རྒྱ་ཆེར་གཏོང་བ་དང་ས་ཁོངས་དོ་སྙོམས་ངང་བཀོད་སྒྲིག་བྱ་རྒྱུར་སྐུལ་འདེད་གཏོང་དགོས་”ཞེས་བཏོན་པ་དེ། རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་འཐུས་མི། སི་ཁྲོན་ཞིང་ཆེན་དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་བོད་སྨན་ཁང་གི་ཏང་ཨུད་ཧྲུའུ་ཅི་གཞོན་པ། འགོ་འཛིན་གཉའ་རྒྱལ་མཚན་གྱིས་དོ་ཁུར་བྱེད་པའི་བརྗོད་གཞི་གལ་ཆེན་ཞིག་ཏུ་གྱུར་ཡོད།

          གཉའ་རྒྱལ་མཚན་གྱིས། ཉེ་བའི་ལོ་ཤས་རིང་སྨན་བཅོས་འཕྲོད་བསྟེན་སྒྲིག་སྲོལ་ལ་ “གཞི་རྩ་འགན་ལེན་དང་། གཞི་རིམ་སྟོབས་ཆེར་གཏོང་བ། ལམ་སྲོལ་འཛུགས་པ་”བཅས་ཀྱི་སྤྱིའི་བླང་བྱ་ལྟར་བསྒྱུར་བཅོས་བྱས་པས། མི་རིགས་ས་ཁུལ་གྱི་ཤང་གྲོང་འཕྲོད་བསྟེན་ཁང་གི་རྨང་གཞིའི་སྒྲིག་བཀོད་མངོན་གསལ་དོད་པོས་ལེགས་སུ་ཕྱིན་ཡོད། འོན་ཀྱང་སྨན་བཅོས་ཞབས་ཞུའི་ནུས་པ་དེ་མཚུངས་ཀྱིས་ཆེ་རུ་ཕྱིན་མེད་པར་དེ་ལས་ལྡོག་སྟེ་ཅུང་ཉམས་ཞན་དུ་འགྲོ་བའི་འཕེལ་ཚུལ་མངོན་ཡོད་ཅེས་ངོ་སྤྲོད་གནང་། དེ་ལྟ་བུའི་འབྱུང་རྐྱེན་ཐད། ཁོང་གིས་བྱེད་ནུས་གཏན་འཁེལ་ཐད་ཁ་ཕྱོགས་གནད་འཁེལ་མ་བྱུང་བ་དང་། ཤེས་ལྡན་མི་སྣ་མི་འདང་བའི་རྐྱེན་ལས་བྱུང་བ་རེད། ཤེས་ལྡན་མི་སྣ་མི་འདང་བའི་ཆ་ནས་བཤད་ན། མི་རིགས་ས་ཁུལ་གྱི་ཤང་དང་གྲོང་རྡལ་གྱི་འཕྲོད་བསྟེན་ཁང་གི་སྨན་དོན་མི་སྣའི་བསྡོམས་འབོར་མི་འདང་བ་དང་། ལྷག་པར་དུ་བྱང་ཚད་མཐོ་བའི་ཤེས་ལྡན་མི་སྣ་ཧ་ཅང་དཀོན་པོ་ཡོད། དེའི་ཐོག་ཉེ་བའི་ལོ་ཤས་རིང་གྲོང་ཁྱེར་སྨན་ཁང་གི་“འཇིབ་ནུས་”དབང་གིས་གཞི་རིམ་སྨན་བཅོས་ཚན་པས་རྐང་འཛིན་ཤེས་ལྡན་མི་སྣ་ཉར་དཀའ་བ་དང་། གཞི་རིམ་དུ་ལུས་པའི་མི་སྣས་ཀྱང་ལས་དོན་ནུས་ལྡན་ངང་སྤེལ་རྒྱུར་དཀའ་ཁག་འཕྲད་བཞིན་ཡོད་ཅེས་གསུངས། 
          ད་ལོ<<སྤྱི་ལོ་2023ལོར་གྲོང་གསེབ་དར་རྒྱས་ལ་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་བའི་གཙོ་གནད་ལས་དོན་ཡག་པོ་བསྒྲུབ་རྒྱུའི་སྐོར་གྱི་ཀྲུང་གུང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་བསམ་འཆར་>>ཁྱབ་བསྒྲགས་བྱས་པ་དང་། ཀྲུང་གུང་ཀྲུང་དབྱང་གཞུང་དོན་ཐིང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་དོན་ཐིང་གིས་ཀྱང<<བསྒྱུར་བཅོས་སྔར་བས་གཏིང་ཟབ་ཏུ་བཏང་ནས་གྲོང་གསེབ་ཀྱི་སྨན་བཅོས་འཕྲོད་བསྟེན་མ་ལག་སྐྱོན་བྲལ་ངང་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་རྒྱུའི་སྐོར་གྱི་བསམ་འཆར་>>པར་འགྲེམས་བྱས་ཏེ། གྲོང་གསེབ་ཀྱི་སྨན་བཅོས་འཕྲོད་བསྟེན་བྱ་གཞག་ལ་བཀོད་སྒྲིག་རབ་དང་རིམ་པ་བྱས་པ་རེད། དེའི་ཐད་གཉའ་རྒྱལ་མཚན་གྱིས་གྲོས་འགོ་བཏོན་པ་སྟེ།
          གཅིག ཤང་གྲོང་འཕྲོད་བསྟེན་ཁང་གི་སྨན་བཅོས་ཞབས་ཞུའི་མ་ལག་འཛུགས་སྐྱོང་ལ་ཁྱོན་ཡོངས་ནས་སྐུལ་འདེད་བཏང་སྟེ་སྤུས་ཚད་མཐོ་བའི་སྒོ་ནས་ཤང་གྲོང་འཕྲོད་བསྟེན་ཁང་གི་སྨན་བཅོས་ཞབས་ཞུའི་ནུས་པ་ཆེ་རུ་གཏོང་དགོས། ཁོང་གིས། ཤང་གྲོང་འཕྲོད་བསྟེན་ཁང་གིས་སྨན་བཅོས་དང་སྔོན་འགོག་གལ་ཆེ་མཉམ་དུ་འཛིན་པའི་བྱེད་ནུས་ངེས་གནས་མཐའ་འཁྱོངས་བྱས་ཏེ། སྨན་བཅོས་དང་སྤྱི་པའི་འཕྲོད་བསྟེན་གཉིས་མཉམ་སྒྲུབ་ཀྱི་ཞབས་ཞུའི་མ་ལག་འཛུགས་པ་དང་། ཤང་གྲོང་འཕྲོད་བསྟེན་ཁང་གིས་སྔོན་འགོག་ལ་མཐོང་ཆེན་བྱེད་པ་ལས་སྨན་བཅོས་ལ་མཐོང་ཆེན་མི་བྱེད་པའི་འདུ་ཤེས་ལ་འགྱུར་ལྡོག་བཏང་ཐོག སྨན་བཅོས་དང་སྔོན་འགོག་ཟུང་འབྲེལ་བྱས་ནས། སྨན་བཅོས་ལས་དོན་གྱི་གནས་བབ་དེ་སྤྱི་པའི་འཕྲོད་བསྟེན་ལས་དོན་གྱི་གནས་བབ་དང་གཅིག་མཚུངས་སུ་འཇོག་དགོས་དགོས་པའི་ངོས་འཛིན་གནང་འདུག 
          གཉིས། ཤེས་ལྡན་མི་སྣའི་ལས་དོན་དེ་མི་རིགས་ས་ཁུལ་གྱི་ཤང་གྲོང་འཕྲོད་བསྟེན་ཁང་འཕེལ་རྒྱས་གཏོང་བའི་གནས་བབ་ཨང་དང་པོར་བཞག་ནས་ཤེས་ལྡན་མི་སྣ་ནང་འདྲེན་དང་ཉར་ཐུབ་པ་བྱེད་པའི་ཐད་ཐབས་མཆོག་འདོན་པ་དང་འབད་བརྩོན་ངོ་མ་བྱེད་དགོས།  གཉའ་རྒྱལ་མཚན་གྱིས་མི་རིགས་ས་ཁུལ་གྱི་ཤང་གྲོང་འཕྲོད་བསྟེན་ཁང་གི་ཁྱད་ཆོས་དང་མཐུན་པའི་མི་དོན་གླ་ཕོགས་ལམ་ལུགས་བཟོས་ནས་སྨན་དོན་མི་སྣས་གཞི་རྩའི་སྨན་བཅོས་དང་གཞི་རྩའི་སྤྱི་པའི་འཕྲོད་བསྟེན་ཞབས་ཞུའི་གཏན་འཇགས་གླ་ཆ་ལོངས་སྤྱོད་ཐུབ་པ་བྱེད་པ་དང་། ཆབས་ཅིག་ལས་འབོར་དང་ཞབས་ཞུའི་སྤུས་ཚད་རྨང་གཞིར་བྱས་པའི་ལས་ཆོད་གླ་ཕོགས་བགོ་བཤའི་ལམ་ལུགས་ལག་བསྟར་བྱས་ཏེ། གྲུབ་འབྲས་དང་ལས་ཆོད་བགོ་བཤའ་རྒྱག་སྐབས་གཙོ་བོ་གནད་འགག་ཆེ་བའི་ལས་གནས་དང་། ལས་སྒོའི་རྐང་འཛིན་པ། ཤེས་ལྡན་མི་སྣ་དཀོན་གྲས། གཞི་རིམ་དུ་ཡུན་རིང་སྨན་བཅོས་བྱེད་མཁན་དང་བྱས་རྗེས་མངོན་གསལ་དོད་པོ་འཇོག་མཁན་མི་སྣ་བཅས་ལ་ཕྱོགས་ནས། ལས་མང་ཐོབ་མང་དང་གྲུབ་འབྲས་ལེགས་པོར་ཐོབ་ཆ་ལེགས་པོ་ལེན་རྒྱུ་ཡོད་པ་བྱ་དགོས་པའི་ངོས་འཛིན་གནང་། 

          སྨན་ཁང་ནང་སྨན་སྦྱོར་བྱས་པའི་བོད་སྨན་རིགས་དབྱེ་ནས་སྨན་བཅོས་འགན་བཅོལ་གྱི་འགྲོ་སོང་རྩིས་ཞུའི་ཁྱབ་ཁོངས་ནས་འཇུག་རྒྱུའི་གྲོས་འགོ 
          གཉའ་རྒྱལ་མཚན་གྱིས་ངོ་སྤྲོད་བྱས་པར་གཞིགས་ན། ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་བྱམས་བརྩེའི་ཐུགས་ཁུར་འོག་དང་། ལྷག་པར་དུ་ཏང་གི་ཚོགས་ཆེན་ཐེངས་བཅོ་བརྒྱད་པ་འཚོགས་ཚུན། སི་ཁྲོན་དཀར་མཛེས་ཁུལ་གྱི་བོད་ལུགས་གསོ་རིག་དང་བོད་སྨན་བྱ་གཞག་ལ་སྔར་ན་མེད་པའི་འཕེལ་རྒྱས་བྱུང་བ་དང་། བོད་ལུགས་གསོ་རིག་དང་བོད་སྨན་གྱི་སྨན་བཅོས་མ་ལག་རྒྱུན་ཆད་མེད་པར་འཐུས་ཚང་དུ་ཕྱིན་པ། ཕྱོགས་བསྡུས་ཞབས་ཞུའི་ནུས་པ་ཟམ་མི་ཆད་པར་ཆེ་རུ་ཕྱིན་པ། རྒྱལ་ཁབ་རིམ་པ་དང་འཛམ་གླིང་རིམ་པའི་བོད་ལུགས་གསོ་རིག་དང་བོད་སྨན་གྱི་མངོན་མིན་རིག་གནས་ཤུལ་བཞག་རྣམ་གྲངས་འབོར་ཆེན་ཞིག་ཐོན་པ། བོད་ལུགས་གསོ་རིག་དང་བོད་སྨན་གྱི་ཤུགས་རྐྱེན་ཉིན་བཞིན་ཆེ་རུ་ཕྱིན་པ། བོད་ལུགས་གསོ་རིག་དང་བོད་སྨན་གྱི་ཞབས་ཞུ་དང་ལེན་བྱེད་མཁན་མི་ཚོགས་ཀྱང་ཟམ་མི་ཆད་པར་མང་དུ་ཕྱིན་ཡོད། ལྷག་པར་དུ་2022ལོར་དཀར་མཛེས་ཁུལ་དུ་བོད་ལུགས་གསོ་རིག་གིས་སྨན་བཅོས་ཞབས་ཞུ་བྱེད་ཚད་ཀྱིས་སྤྱིའི་སྨན་བཅོས་ཞབས་ཞུའི་གྲངས་འབོར་གྱི་48%ཟིན་ཡོད་པ་རེད། ཡིན་ནའང་དཀར་མཛེས་ཁུལ་དུ་ཆ་མཚོན་ན། རྒྱལ་སྨན་གྱི་ཆོག་མཆན་ཡི་གེ་ཐོབ་པའི་བོད་སྨན་གྱི་སྣ་ཁའི་སྤྱི་འབོར་ཉུང་བ་དང་། བོད་སྨན་ཁྲོམ་ར་དང་ནད་ཐོག་སྨན་བཅོས་ཀྱི་དགོས་མཁོ་དོ་མི་སྙོམ་པར་བརྟེན། དཀར་མཛེས་ཁུལ་གྱི་བོད་ལུགས་གསོ་རིག་གི་སྨན་བཅོས་སྒྲིག་གཞི་མང་ཆེ་བས། ནད་ཐོག་སྨན་བཅོས་ཐད་གཙོ་བོ་སྨན་ཁང་ནང་སྦྱོར་སྡེབ་བྱས་པའི་བོད་སྨན་ལ་བརྟེན་དགོས་གྱི་ཡོད་ལ། དེ་དག་ལ་རིན་གོང་དམའ་བ་སོགས་ཀྱི་དགེ་མཚན་ཡང་ལྡན་པས་ནད་པས་སྤྱོད་འདོད་ཆེན་པོ་བྱེད་ཀྱི་ཡོད།
          གཉའ་རྒྱལ་མཚན་གྱིས། ཀྲུང་ལུགས་གསོ་རིག་གི་སྨན་བཅོས་འགན་བཅོལ་གྱི་རྒྱབ་སྐྱོར་སྲིད་ཇུས་སྔར་བས་འཐུས་ཚང་དུ་གཏོང་རྒྱུ་ནི་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཐབས་ཇུས་བཀོད་སྒྲིག་གལ་ཆེན་ཞིག་དང་། མི་དམངས་མང་ཚོགས་ཀྱི་ཉིན་བཞིན་ཆེ་རུ་འགྲོ་བའི་སྨན་བཅོས་བདེ་ཐང་གི་དགོས་མཁོ་སྐོང་རྒྱུའི་ལྡོག་མེད་ཀྱི་བླང་བྱ་ཞིག་རེད། སྨན་བཅོས་འགན་སྲུང་གི་དམིགས་ཡུལ་ནི་མང་ཚོགས་ཀྱི་སྨན་བཅོས་ཁུར་པོ་ཡང་དུ་གཏོང་རྒྱུ་དང་། དམངས་འཚོའི་བདེ་སྐྱིད་ཆེ་རུ་གཏོང་རྒྱུ། སྤྱི་ཚོགས་འཆམ་མཐུན་དང་བརྟན་ལྷིང་སྲུང་སྐྱོང་བྱ་རྒྱུ་བཅས་ཡིན། བོད་ལུགས་གསོ་རིག་དང་བོད་སྨན་གྱིས་དམིགས་བསལ་གྱི་ལེགས་ཆ་དང་ནུས་པ་འདོན་སྤེལ་བྱས་ནས་མི་དམངས་ཀྱི་བདེ་ཐང་ལ་འགན་སྲུང་བྱེད་པ་དང་། ཏོག་གསར་རིམས་ནད་ལ་འགོག་རྒོལ་བྱེད་པའི་ཐད་ནུས་པ་གལ་ཆེན་འདོན་སྤེལ་བྱས་ཡོད་ཅེས་དང་། ཁོང་གིས། རྒྱལ་ཁབ་སྨན་བཅོས་འགན་བཅོལ་ཅུས་ནས་《གཞི་རྩའི་སྨན་བཅོས་འགན་བཅོལ་སྨན་རྫས་ཀྱི་དཀར་ཆག》གི་གཏན་འབེབས་གཞིར་བཟུང་། སྨན་ཁང་ནང་སྨན་སྦྱོར་བྱས་པའི་བོད་སྨན་དག་ཀྱང་རིགས་དབྱེ་ནས་རྩིས་ཞུ་བྱེད་པའི་དོ་དམ་ཁྱབ་ཁོངས་ནང་འཇུག་རྒྱུ་དང་། སྲིད་ཇུས་བཏོན་ནས་ནད་ཐོག་སྨན་བཅོས་ཐད་ངེས་པར་དུ་མཁོ་བ་དང་། སྤྱོད་རྒྱ་ཆེ་བ། སྨན་བཅོས་ཕན་འབྲས་ལེགས་པ། རིགས་གཅིག་པའི་སྨན་རྫས་ཁྲོད་རིན་གོང་དམའ་བའི་སྨན་ཁང་གི་སྦྱོར་སྡེབ་སྨན་དེ་དག་“དཀར་ཆག་རིགས་ཀ་པའི”ནང་བཅུག་ནས་མང་ཚོགས་ཀྱི་ཁུར་པོ་ཡང་དུ་ཏན་ཏིག་གཏོང་རྒྱུ་དང་། མི་དམངས་མང་ཚོགས་ཀྱི་ཀྲུང་ལུགས་གསོ་རིག་སྨན་རྫས་ཀྱི་ཞབས་ཞུའི་དགོས་མཁོ་སྔར་བས་ལེགས་པའི་སྒོ་ནས་སྐོང་དགོས་པའི་གྲོས་འགོ་བཏོན་པ་རེད།
        རྩོམ་སྒྲིག་པ། སངས་སྐྱབས།

        beat365app登录入口_365bet不能提现_365bet在线网投